Community

FAQ

1. ཉོ་ཚོང་བར་མིའི་ལས་ཀར་འཛུལ་བཞུགས་གནང་རྒྱུའི་འོས་ཆོས་སུ་ལ་ཡོད།

ཀཱོ་རི་ཡའི་ནང་གི་དངུལ་ཁང་ལ་དངུལ་བཅུག་ཆོག་མཁན། མི་སྒེར་ཚང་མ། ཚོ་ཁག ཚོགས་པ། ལྷན་ཚོགས་་སོགས་ནས་འཛུལ་བཞུགས་ཞུ་འབུལ་གནང་ཆོག

2. ན་ཚོད་མ་ལོན་པའི་ཞུ་འབུལ་བྱེད་ཆོག་གི་རེད་པས།

ཆོག་གི་མ་རེད། ཞུ་འབུལ་བྱེད་པར་ནར་སོན་དགོས། ན་ཚོད་མ་ལོན་པའི་ལྟ་སྐྱོང་གནང་མཁན་མི་རྒན་པས་ཉོ་ཚོང་ཁྲོམ་ཁང་བར་མིའི་ལས་ཀར་ཞུ་འབུལ་བྱེད་ཆོག

3. ཁྱབ་བསྒྲགས་ཀྱི་གླ་ཡོན་ཇི་ལྟར་ཐོབ་ཀྱི་ཡོད་དམ།

གལ་ཏེ་ཁྱེད་ལ་ཚོང་ལས་དེབ་སྐྱེལ་གྱི་ལག་འཁྱེར་ཡོད་ན། ཁྲལ་འབབ་ཀྱི་ཐོ་ཡིག་བྱུང་བ་དང་ཁྱབ་བསྒྲགས་ཀྱི་གླ་ཐོབ་ཀྱི་རེད། གལ་ཏེ་ཁྲལ་འབབ་ཀྱི་ཐོ་ཡིག་མེད་ན། ཁྲལ་འབབ་བརྒྱ་ཆ་ ༣།༣ འཐེན་གྱི་རེད།

4. ངས་ང་རང་གི་ཚོང་འབབ་དུས་ཚོད་ལ་གཞི་བཞག་ཤེས་ཐུབ་ཀྱི་རེད་པས།

རེད། ཤེས་ཐུབ་ཀྱི་རེད། ཁྱེད་ཀྱི་ཚོང་འབབ་ཐོག་དངུལ་འབོར་སྟོན་ཡོད་པ་ནི་དྲྭ་ལམ་ཚོང་ཁང་བརྒྱུད་ཉོ་ཆ་བྱུང་བ་ཡོད་པར་གཞི་བཞག་ཡིན། ༼གཏོང་གླ་དང་ཁྲལ་ཝར་ཊི་སོགས་ཕུད།༽ དེ་ལྟར་ཉོ་ཚོང་ཁྲོམ་ཁང་བར་མིས་རང་གི་ཚོང་ཤག་དང་དངོས་ཡོད་ཉོ་ཚོང་གི་དངུལ་འབོར་ལ་གཞི་བཅོལ་གྱི་བཀའ་མོལ་གནང་ཐུབ་ཀྱི་ཡོད།

5.ཉོ་ཚོང་ཁྲོམ་ཁང་བར་མིའི་ལས་ཀའི་སྙན་ཞུའི་རྒྱུད་རིམ་དུས་ཚོང་བགོར་ཡུན་གང་འདྲ་ཡིན་ནམ།

སྙན་ཞུ་འབྱོར་བ་ནས་བདུན་ཁྲག་གཅིག་ཙམ་བགོར་གྱི་རེད། ཉོ་ཚོང་ཁྲོམ་ཁང་གི་དམིགས་བསལ་འབྲེལ་མཐུད་དང་སྐད་ཡིག་བེད་སྤྱོད་སྐོར་བདུན་གཅིག་ནང་སྤྱོང་བརྡར་གནང་གི་རེད།

6. ཉོ་ཚོང་ཁྲོམ་ཁང་བར་མིའི་ལས་ཀ་དེ་ཁག་པོ་ཡིན་ནམ།

ཁག་པོ་རང་ཡོད་མ་རེད། སྤྱི་ཚོགས་དྲྭ་གནས་ཁག་ཡག་པོ་བེད་སྤྱོད་ཐུབ་ན་ཁེ་ཕན་ཡོད། ལྷག་པར་དུ་ཁྱེད་ཀྱིས་ཉོ་ཚོང་ཁྲོམ་ཁང་གི་བཅའ་དངོས་དེ་ཚོ་ངོ་སྤྲོད་ཡག་པོ་གནང་ཐུབ་ན། ཁེ་ཕན་ཆེན་པོ་ཡོད།

7. ཡོང་འབབ་ངེས་གཏན་ཡིན་ནམ།

དེ་ལྟར་མིན། དེ་མི་སྒེར་སོ་སོའི་ཉོ་ཚོང་ཁྲོམ་ཁང་གི་བར་མི་ལས་ཀའི་འཇོན་ཐང་ལ་རག་ལུས་ཀྱི་ཡོད།

8. བར་མིའི་ལས་ཀར་ཞུ་འབུལ་ཆེད་ཆ་རྐྱེན་ཚང་དགོས་པ་འདྲ་ཡོད་དམ།

མེད། ཆ་རྐྱེན་ཚང་དགོས་པ་མེད། ཡིན་ནའང་ང་ཚོས་སྙན་ཞུ་འབུལ་མི་རེ་རེ་ཡག་པོ་ཞིབ་དཔྱད་ཐོག་ངོས་ལེན་ལས་རིམ་ཡོད།

9. དེར་ཚོགས་ཞུགས་ཚོགས་ཆུང་དེ་འདྲ་ཡོད་དམ།

མེད།

1. སྒེར་བདག་གི་ཉོ་ཚོང་ཁྲོམ་ཁང་དང་རང་དབང་བཅན་གྱི་ཁྲོམ་ཁང་ཁེར་རྐྱང་འོས་པ་ཡིན་ནམ།

རེད། ད་ག་རང་རེད། དྲྭ་ལམ་བརྒྱུད་ཀྱི་ཉོ་ཚོང་ཁྲོམ་ཁང་ཆེ་ཁག་གསུམ་ Café 24, NHNgodo, Make Shop སྟེང་ཡོད་པའི་སྒེར་བདག་གི་ཉོ་ཚོང་ཁྲོམ་ཁང་དང་རང་དབང་ཅན་གྱི་ཁྲོམ་ཁང་ཁག་ཉོ་ཚོང་ཁྲོམ་ཁང་སྡིངས་ཆ་དང་མཐུད་རྒྱུའི་འོས་ཆོས་ཚང་གི་ཡོད། ཁྱེད་ཀྱི་སྙན་ཞུ་དེ་ Seoul Technology International Corp ནས་ཞིབ་འཇུག་ཞུས་ཏེ་ཐག་གཅོད་ཞུ་ཡི་རེད།

2. ཁྲོམ་ཁང་ཞིག་ཉོ་ཚོང་ཁྲོམ་ཁང་སྡིངས་ཆ་དང་མཐུད་རྒྱུར་འགྲོ་སོང་ག་ཚོད་ཡིན་ནམ།

དེར་ཝ་ཊི་ཁྲལ་རྩིས་ཝོན་ ༢༧༥༠༠༠ རེད། དེ་ཚར་གཅིག་གི་འགྲོ་སོང་།

3. དེ་ག་ཚོད་བགོར་གྱི་ཡོད་དམ།

དེ་བདུན་ཁྲག་གཅིག་ཙམ་ཡིན།

4. ང་ལ་ངའི་དྲྭ་ལམ་ཉོ་ཚོང་ཁྲོམ་ཁང་གི་ཚོང་ཟོག་ཁག་ཉོ་ཚོང་ཁྲོམ་ཁང་གི་བར་མིར་ངོ་སྤྲོད་དང་གོང་སྤེལ་བྱ་རྒྱུའི་གོ་སྐབས་ཡོད་དམ།

ཡོད། ཡོད་ད་ཡོད། ཁྱེད་ཀྱིས་ཁྱེད་རང་གི་ཁྲོམ་ཁང་ཚོང་ཟོག་སོགས་ཉོ་ཚོང་ཁྲོམ་ཁང་གི་བར་མི་ཚོའི་བདུན་གཅིགཟའ་འཁོར་རེ་རེའི་ཚོགས་འདུར་ངོ་སྤྲོད་བྱེད་ཆོག་གི་རེད།

5. ཡོང་འབབ་ངེས་གཏན་ཡིན་ནམ།

མིན། ཡོང་འབབ་དེ་ཉོ་ཚོང་ཁྲོམ་ཁང་གི་བར་མིའི་ཉོ་ཚོང་ལས་འགུལ་ལ་རག་ལུས་ཀྱི་རེད།

1. སུ་ཡིན་ནའང་ཞུ་འབུལ་ཆོག་གི་ཡོད་དམ།

ཆོག་གི་མ་རེད། ཉོ་ཚོང་ཁྲོམ་ཁང་གི་བར་མི་རྣམས་ལ་ཤེས་ཡོན་དང་སྤྱི་ཚོགས་དྲྭ་ལམ་གསར་འགྱུར་ཁག་བེད་སྤྱོད་བྱེད་སྟངས་གི་སྤྱོང་བརྡར་གནང་ཐུབ་མཁན་སྒེར་ཁག་དང་ཚོ་ཁག ཚོགས་པ་དང་ལྷན་ཚོགས་ནས་ཞུ་འབུལ་ཆོག་གི་རེད།

2. དེར་ཚོགས་ཞུགས་ཚོགས་ཆུང་དེ་འདྲ་ཡོད་དམ།

མེད། དེ་འདྲ་མེད། ཡིན་ནའང་ང་ཚོས་སྙན་ཞུ་འབུལ་མཁན་ཚོའི་ཤེས་ཡོན་དང་སློབ་སྟོན་ནུས་པ་ཞིབ་དཔྱད་དང་ཐག་གཅོད་ལས་རིམ་ཡོད།